སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ ཉིན་སྔ་འགྱུར་དཔལ་ཡུལ་ཆོསས་འཁོར་གླིང་གི་བཤད་གྲྭ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོར་སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་དང་། Rigo Monastery (3)མཆོག་སྤྲུལ་པདྨ་རིག་འཛིན་རྣམ་གཉིས་ཆེད་ཞུས་ཀྱིས་དད་ལྡན་སེར་སྐྱ་མི་མང་ཆོས་ཞུ་བ་སྟོང་ཕྲག་གཉིས་ལ་ཉེ་བར་<<སྙིང་ཐིག་ཡ་བཞིའི་>>དབང་ལུང་སྨིན་གྲོལ་བཀའ་དྲིན་བསྩལ་ཅིང་། བཤད་གྲྭའི་སློབ་གཉེར་བ་རྣམས་ལ་མཐའ་བྲལ་སྨྲ་བའི་དབང་ཕྱུག་དང་། ཕར་ཕྱིན་རབ་འབྱམས་པའི་གཟེངས་བསྟོད་ཕྱག་ཁྱེར་དང་། བསླབ་པ་མཐར་སོན་པ་རྣམས་ལ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར། སློབ་དཔོན་བརྒྱད་ལ་མདོ་རྒྱུད་ངེས་དོན་བསྟན་པའི་ཉིན་བྱེད་ཀྱི་ཕྱག་ཁྱེར་མཚན་རྟགས་གཟེངས་བསྟོད་གནང་སྟེ་བཤད་གྲྭའི་མཁན་ཐོག་གསུམ་པ་དང་སྒྲུབ་བླ་བཞི་བཅས་ཁྲི་འདོན་མཛད་སྒོ་རྒྱ་ཆེ་ཤིན་ཏུ་བཀྲིས་པའི་ངང་ལེགས་པར་གྲུབ།། །།

Rigo Monastery (4) Rigo Monastery (2) Rigo Monastery (1)