སློབ་ཕྲུག་གསར་བཞུགས་ཆ་རྐྱེན་གྱི་སྐོར།

ཀ༽ ༡ རབ་བྱུང་གི་སྡོམ་པ་ཡོད་པའམ་ངེས་པར་ཞུ་འདོད་ཀྱི་བསམ་པ་ཡོད་པ།
༢ འདི་གར་གཏན་འབེབས་ཟིན་པའི་གཞུང་ལུགས་རྣམས་ལ་སྦྱངས་པ་མཐར་ཕྱིན་གནང་འདོད་ཡོད་པ།
༣ བཤད་གྲྭའི་སྒྲིག་གཞི་ངེས་པར་བརྩི་སྲུང་ཞུ་འདོད་ཡོད་པ། གོང་གི་ཀ་པའི་དོན་ཚན་གསུམ་གྱི་སྟེང་། འོག་གི་ཁ་པ།
ག་པ། ང་པ། ཅ་པའི་དོན་ཚན་གང་རུང་དང་ལྡན་དགོས་རྒྱུ།
ཁ༽ གཙོ་བོ་བོད་ཡིག་སློབ་ཚན་དང་འབྲེལ་བའི་དེང་དུས་སློབ་གྲྭའི་འཛིན་རིམ་བདུན་པ་ཡན་གྱི་ལག་ཁྱེར་ངེས་པར་དགོས།
ག༽ དགོན་སྡེ་གཞན་ནས་ཕེབས་པའི་རིགས་བྱུང་ན་རང་ཁུངས་དགོན་པའི་འགན་འཛིན་གྱི་ངོས་སྦྱོར་ཚད་ལྡན་དགོས་རྒྱུ།
ང༽ གོང་གསལ་ཁ་པ་དང་ག་པ་གཉིས་ལས་གཞན་པའི་དོན་གཉེར་ཅན་གྱི་སློབ་ཕྲུག་ཤེས་ཚད་ལོན་ངེས་ཡོད་རིགས་སྐབས་ཐོབ་
ལས་བྱེད་ནས་དཔྱད་ཞིབ་གནང་རྒྱུ།
ཅ༽ སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་སྔོན་འགྲོའི་འཛིན་རིམ་བརྒྱད་པ་མཐར་ཕྱིན་པའི་ཕྱག་ཁྱེར་ཡོད་པ།
ཆ༽ གོང་གསལ་ཆ་རྐྱེན་ཚང་བའི་སློབ་ཕྲུག་རྣམས་གསར་ཞུགས་ཀྱི་རྒྱུགས་སྤྲོད་ནང་ཞུགས་ཆོག་པ་དང་། དེ་ལ་འབྲི་རྒྱུགས་
དང་ངག་རྒྱུགས་བླངས་ནས་ཐ་མའི་ཐག་གཅོད་གནང་རྒྱུ།
ཇ༽ བཤད་གྲྭར་བཞུགས་རིང་སློབ་སྤྱི་༸ཉེ་བའི་རིགས་བདག་ཆེན་པོ་མཆོག་དང་མཁན་སློབ་རྣམས་ཀྱི་བཀའ་བཀོད་རང་འཁྲིས་
སྤྱི་སྒེར་གྱི་བྱ་བ་རྣམས་ལ་རང་ནུས་གང་ལྕོགས་ཀྱིས་ཞབས་འདེགས་ཞུ་དགོས།