ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་སྐོར།

ཀ༽ ཡིག་རྒྱུགས་སྐབས་དཔེ་བལྟས་སོགས་ཁྲིམས་འགལ་རིགས་དོ་དམ་པས་མཁྱེན་རྟོགས་བྱུང་ན་ལོ་དེར་ཡིག་རྒྱུགས་གཏོང་མི་ཆོག
ཁ༽ དམིགས་བསལ་མ་གཏོགས་ལོ་འཁོར་གཅིག་ནང་དཔེ་ཁྲིད་བརྒྱ་ཆ་བརྒྱད་ཅུ་མ་ཚང་ན་ཡིག་རྒྱུགས་གཏོང་མི་ཆོག
ག༽ དུས་ཚོད་གཏན་འབེབས་ཟིན་པའི་ནང་བློ་རྒྱུགས་ཚད་ལྡན་མ་འཁྱོལ་ཚེ་ཡིག་རྒྱུགས་གཏོང་མི་ཆོག
ང༽ མཁན་སློབ་ལས་བྱེད་སོགས་ལ་ཚུལ་མིན་ཡ་ལན་རིགས་བྱུང་ཚེ་ལོ་དེར་ཡིག་རྒྱུགས་ཚོགས་ཁང་ནང་ཕེབས་མི་ཆོག
ཅ༽ ལོ་གསུམ་རིང་མུ་མཐུད་ནས་ལོ་འཁོར་རྒྱུགས་སྤྲོད་མ་འཕེར་ཚེ་བཤད་གྲྭ་ནས་རེ་ཞིག་ཕྱིར་འཐེན་བྱ་རྒྱུ།
ཆ༽ རྒྱུགས་སྤྲོད་ཆ་རྐྱེན་ཚང་རིགས་རྣམས་བོད་ཟླ་ ༡༠ ཚེས་ ༣ ནས་ ༢༥ བར་རང་སྦྱོང་ཉིན་ ༢༣ རིང་གནང་སྟེ། ཡིག་རྒྱུགས་
དངོས་གཞི་བོད་ཟླ་ ༡༠ ཚེས་ ༢༦ ཉིན་སྔ་དྲོ་ཆུ་ཚོད་ ༧། ༡༥ ཐོག་དབུ་འཛུགས་རྒྱུ། ཡིག་རྒྱུགས་རེར་དུས་ཡུན་ཆུ་ཚོད་ ༣
ཡིན། ཡིག་རྒྱུགས་ཐེངས་ལྔ་ཡོད་པ་ལས་རེ་རེའི་བར་ཉིན་གསུམ་རེ་རང་སྦྱོང་གཞག་དགོས།