ལོ་གཅིག་གི་མཛད་རིམ་རགས་བསྡུས།

ཀ༽ བོད་ཟླ་ ༢ ཚེས་ ༨ ཉིན་ལོ་འཁོར་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ།
ཁ༽ བོད་ཟླ་ ༢ ཚེས་ ༩ ནས་སློབ་ཁྲིད་དངོས་གཞི་དབུ་འཛུགས་གནང་རྒྱུ།
ག༽ ཟླ་རེར་ཡིག་རྒྱུགས་རེ་གཏོང་དགོས།
ང༽ ས་ག་ཟླ་བར་རྡོར་སེམས་སྒྲུབ་མཆོད་འཚོགས་རྒྱུ།
ཅ༽ དབྱར་གནས་མ་ཚུགས་གོང་ལོ་ཕྱེད་ཡིག་རྒྱུགས་གཏོང་རྒྱུ།
ཆ༽ དབྱར་གནས་སྐབས་འཛིན་གྲྭ་ནང་ཁུལ་ཡིག་གཟུགས་དང་། རི་མོ། གཏོར་བཟོ་དཀར་རྒྱན་འགྲན་བསྡུར་གནང་རྒྱུ།
ཉ༽ མཚམས་སུ་སྡེ་ཚན་ནང་ཁུལ་དྲི་གླེང་འགྲན་བསྡུར་གནང་རྒྱུ།
ཏ༽ བོད་ཟླ་ ༩ པར་མདོ་ཚོགས་ཆེན་འདུས་པའི་སྒྲུབ་མཆོད་འཚོགས་རྒྱུ།
ཐ༽ རང་སྦྱོང་གྲུབ་མཚམས་ལོ་འཁོར་ཡིག་རྒྱུགས་ཆེན་མོ་གཏོང་རྒྱུ།