རྒྱུགས་སྤྲོད་དོ་དམ་པའི་སྐོར།

ཀ༽ རྒྱུགས་སྤྲོད་དོ་དམ་ལྷན་ཚོགས་ཀྱིས་ཟླ་བ་གཅིག་གོང་ནས་ཡིག་རྒྱུགས་སྐོར་ཇི་དགོས་གཏན་འབེབས་བྱ་རྒྱུ།
ཁ༽ ཡིག་རྒྱུགས་དྲི་ཤོག་གསར་བཟོ་དགོས་རིགས་ཕྱི་འབྲེལ་མཁས་དབང་རྣམས་ལ་དུས་ཐོག་འབུལ་རྒྱུ།
ག༽ ཡིག་རྒྱུགས་དྲི་ཤོག་ཁག་འབྱོར་མཚམས་གལ་གནད་ཆེན་པོས་བདག་གཉེར་གནང་སྟེ་ཡིག་རྒྱུགས་དོ་དམ་ལྷན་ཚོགས་ཚང་
འཛོམས་ཀྱིས་ཁ་དབྱེ་རྒྱུ།
ང༽ གལ་ཏེ་ཡིག་རྒྱུགས་དྲི་ཤོག་པར་སྐྲུན་སོགས་ཀྱི་སྐབས་གསང་བརྡོལ་བྱུང་ཚེ། སྐབས་འཕྲལ་དོ་དམ་ལྷན་ཚོགས་ནས་
བསྒྱུར་བཅོས་བྱ་རྒྱུ།
ཅ༽ ཡིག་རྒྱུགས་གྲུབ་མཚམས་རྒྱུགས་ཤོག་རྣམས་མཁས་དབང་ཚོར་བརྒྱུད་བསྐུར་གནང་སྟེ། ཨང་ཐོབ་ཚུར་འབྱོར་བ་རྣམས་
གསང་རྒྱ་དམ་པོས་ཉར་ཚགས་ཀྱིས་དོ་དམ་ཚང་འཛོམས་ཐོག་ཁ་དབྱེ་རྒྱུ།
ཆ༽ བོད་ཟླ་ ༢ ཚེས་ ༨ ཉིན་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་རྒྱུ།