ཡིག་ཚད་གྲུབ་འབྲས་ཀྱི་སྐོར།

རྩ་བ་དང་ཡན་ལག་གི་སློབ་ཚན་གཉིས་ལས་རྩ་བའི་སློབ་ཚན་གྱི་དྲི་ཤོག་རེར་འཐོབ་བྱ་ཨང་བརྒྱ་རེ་ལས་བརྒྱ་ཆ་བཞི་བཅུ་དང་། ཡན་ལག་གི་སློབ་ཚན་རེར་འཐོབ་བྱ་ཨང་བརྒྱ་རེ་ལས་བརྒྱ་ཆ་སོ་གསུམ་ངེས་པར་དུ་ལོན་དགོས།
ཡིག་ཚད་ཀྱི་གྲུབ་འབྲས་ཁག་ཨང་རིམ་སྡེ་ཚན་གསུམ་ལས་བརྒྱ་ཆ་དྲུག་ཅུ་ཡན་ཐོབ་པ་སྡེ་ཚན་དང་པོ། བརྒྱ་ཆ་ལྔ་བཅུ་ཡན་ཐོབ་པ་སྡེ་ཚན་གཉིས་པ། དེ་འཕྲོས་སྡེ་ཚན་གསུམ་པའི་རིགས་དང། སློབ་ཚན་གང་རུང་ཞིག་གི་བརྒྱ་ཆ་མ་ལོན་ཚེ་སྐྱབས་འཇུག་ཨང་ ༥ མན་སྤྲོད་ཆོག་ཅིང་དེ་མིན་ཨང་ཚད་མ་ལོན་པའི་གྲལ་དུ་འཇོག་རྒྱུ།