འཛིན་སྐྱོང་ལྷན་ཚོགས་ཀྱི་སྐོར།

༸རི་མགོ་སྤྲུལ་སྐུ་བསོད་ནམས་བསྟན་འཛིན་རིན་པོ་ཆེ་མཆོག་གི་ལམ་སྟོན་འོག་བཤད་གྲྭའི་རྒྱུན་ལས་ལ་ཚོགས་གཙོ་དང། ཚོགས་གཞོན། དྲུང་ཡིག དངུལ་གཉེར། དགེ་བསྐོས་བཅས་རྣམ་པ་ལྔས་གཙོར་བྱས་མཁན་སློབ་རྣམས་ཀྱིས་བཤད་གྲྭ་འདི་འཛིན་སྐྱོང་གནང་ཞིང་བཤད་གྲྭའི་བྱ་གཞག་ཆེ་ཕྲ་རྣམས་ལ་གྲོས་ཐག་གཅད་གནང་རྒྱུ་དང་། སྒྲིག་འགལ་བྱུང་རིགས་ལ་ལས་ཐོག་དགེ་བསྐོས་ནས་སྒྲིག་གཞི་ཟུར་གསལ་ལྟར་ཉེས་ཆད་འགེལ་བ་དང། ཐག་གཅོད་ཐུབ་མིན་བྱུང་ན་བཤད་གྲྭའི་རྒྱུན་ལས་ལ་དགོངས་སྐོར་ཞུས་ཏེ་ཐག་གཅོད་གནང་རྒྱུ། དེས་ཀྱང་གྲོས་ཐག་མ་ཆོད་པ་རྣམས་ཆེས་མཐོའི་རྒྱུན་ལས་དང་༸རིན་པོ་ཆེ་མཆོག་ལ་དགོངས་སྐོར་ཞུས་ཏེ་གྲོས་ཐག་གཅད་རྒྱུ། ཟླ་རེར་ཉུང་མཐར་ལེགས་སྤེལ་ཉེས་འགོག་གི་ཚོགས་འདུ་རེ་འཚོགས་ཏེ། འཛིན་སྐྱོང་ལྷན་ཚོགས་ཀྱིས་གཙོས་མཁན་སློབ་རྣམས་རེས་མོས་ཀྱི་བཀའ་སློབ་གནང་དགོས།