མི་ཕམ་འདས་མཆོད།

20170623_204242 20170623_214712 20170623_220750༈ རབ་གནས་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་ ༢༩ ཉིན་སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་སློབ་ལྷན་འཛོམས་དང་། འབྲིང་རིམ་སློབ་གྲྭ་རིག་གནས་ཀུན་འབྱུང་གླིང་གི་དགེ་སློབ་ལྷན་འཛོམས་ཐོག་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་བཀའ་དྲིན་རྗེས་སུ་དྲན་པས་གང་གི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ་ལེགས་བཤད་འཆད་རྩོད་རྩོམ་གསུམ་གྱི་མཆོད་པ་ཅིར་ཡང་སྤྲོས་པའི་སྒོ་ནས་རྣམ་དཀར་བསོད་ནམས་ཀྱི་མངོན་པར་འདུ་བྱས་པའི་སྣང་བརྙན་ཁག་གཅིག་གཟིགས་འབུལ་ཞུ།