མ་འོངས་པའི་ལས་འཆར།

སློབ་ཕྲུག་རྣམས་ལ་ཕན་པའི་ཀུན་སློང་བཟང་པོས་དུས་རབས་དང་མཐུན་པའི་ཤེས་ཡོན་སློབ་གསོ་དང་སྤྱོད་ལམ་སོགས་གནས་ཚད་གོང་མཐོར་གཏོང་ནས་སྐྱེ་འགྲོ་ཡོངས་ལ་ཕན་བདེ་རྒྱ་ཆེར་བསྐྲུན་ནུས་པའི་མི་བུ་ཚད་ལྡན་གང་མང་བསྐྱེད་སྲིང་གིས་རྒྱལ་བསྟན་སྤྱི་དང་ཁྱད་པར་གསང་ཆེན་སྔ་འགྱུར་བའི་རིང་ལུགས་འདི་ཉིད་འཛམ་གླིང་ཐ་གྲུ་ཀུན་ཏུ་མི་ནུབ་ཡུན་དུ་གནས་པའི་ཐབས་ལ་འབད་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཉག་གཅིག་གོ། །