ཕྱག་ཁྱེར་མཚན་རྟགས་ཀྱི་སྐོར། དམ་བཅའི་རྩ་ཚིག

ཀ༽ ལོ་བཞིའི་རིང་གཙོ་བོ་དབུ་མའི་གཞུང་ལ་སློབ་གཉེར་གྱིས་མདོ་འོག་མའི་རྒྱུགས་སྤྲོད་གྲུབ་རྗེས། མཐའ་བྲལ་སྨྲ་བའི་དབང་
ཕྱུག EQ HIGHER SECONDARY ཅེས་པའི་ཕྱག་ཁྱེར་མཚན་རྟགས་གཟེངས་བསྟོད་འབུལ་རྒྱུ།
ཁ༽ དེ་རྗེས་ལོ་གཉིས་རིང་གཙོ་བོར་ཕར་ཕྱིན་སྐོར་སློབ་གཉེར་གྱིས་མདོ་གོང་མའི་རྒྱུགས་སྤྲོད་ཟིན་རྗེས། ཕར་ཕྱིན་རབ་འབྱམས།
EQ B.A. ཞེས་པའི་ཕྱག་ཁྱེར་མཚན་རྟགས་གཟེངས་བསྟོད་འབུལ་རྒྱུ།
ག༽ དེ་རྗེས་ལོ་གསུམ་རིང་སྔགས་ཕྱི་ནང་སྐོར་གཙོ་བོར་སློབ་གཉེར་གྱིས་རྒྱུད་སྡེ་གོང་འོག་གི་རྒྱུགས་སྤྲོད་ཟིན་རྗེས། དགོན་
པར་ལོ་ ༣ ཞབས་ཞུ་གནང་ཟིན་ནས་ངེས་གསང་ལེགས་བཤད་མཛོད་འཆང་། EQ M.A. ཞེས་པའི་ཕྱག་ཁྱེར་མཚན་
རྟགས་གཟེངས་བསྟོད་འབུལ་རྒྱུ།
ང༽ གོང་གསལ་ལོ་དགུའི་སློབ་གཉེར་ལེགས་པར་གྲུབ་མཚམས་སླར་ཡང་ལོ་གསུམ་རིང་རིགས་གཅིག་རྐང་འཛིན་གྱི་ཞིབ་དཔྱད་དང་། མཁས་བཙུན་གཉིས་ཀྱི་མཚན་ཉིད་དང་ལྡན་ན་དགེ་བའི་བཤེས་གཉེན་ཆེན་པོ། མདོ་རྒྱུད་ངེས་དོན་བསྟན་པའི་ཉིན་བྱེད། DR. OF TANTRIC PHILOSOPHY ཅེས་པའི་ཕྱག་ཁྱེར་མཚན་རྟགས་གཟེངས་བསྟོད་དབུལ་རྒྱུ། དེ་ལྟར་གོང་དུ་སློབ་གཉེར་གྱི་རིམ་པ་རྣམས་ལེགས་པར་ཐོན་མཚམས་སུ་མཐོ་རིམ་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཆེན་པོའི་བཀའ་དགོངས་ལྟར་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། ཡང་སྒོས་སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་དམིགས་ཡུལ་གནད་སྨིན་གྱིས་རང་བསྟན་འཛིན་སྐྱོང་སྤེལ་བའི་ཁུར་ཆེན་བཞེས་ཏེ་ཞབས་འདེགས་ཞུ་དགོས་རྒྱུ།
དམ་བཅའི་རྩ་ཚིག་ནི།
ད་རེས་བདག་ལ་ལག་ཁྱེར་གཟེངས་བསྟོད་དུ་བཀའ་དྲིན་ཆེ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ད་ནས་བཟུང་མཐོ་སློབ་འདིའི་ཚོགས་མིའི་བསམ་བློ་རྒྱུན་འཆང་ཐོག་སློབ་གྲྭའི་དམིགས་ཡུལ་གྱི་གཙོ་བོ་རྒྱལ་བསྟན་སྤྱི་དང་བྱེ་བྲག་སྔ་འགྱུར་བའི་ཐུན་མིན་ལྟ་གྲུབ་ཀྱི་གནད་གསང་འཛིན་སྐྱོང་སྤེལ་བའི་ལྷག་བསམ་སྦྱོར་བརྩོན་ཡར་བསྐྱེད་ངོས་འཛམ་གླིང་གི་ཞི་བདེའི་རྩ་བ་གཞན་གནོད་རྩད་ནས་སྤོང་བའི་གཞན་ཕན་གྱི་ལམ་བཟང་ལ་རང་ཉིད་གནས་ཏེ། གཞན་ལའང་རང་ནུས་གང་ལྕོགས་ཀྱིས་ཞི་བདེའི་ལམ་སྟོན་ཇི་སྲིད་འཚོའི་བར་བྱ་ངེས་ཡིན། མ་ཟད་རང་ཉིད་ཀྱི་ཤེས་ཡོན་གང་ནས་བྱུང་བའི་མཐོ་སློབ་འདིའི་བཀའ་དྲིན་བསམ་ཤེས་སྟེང་བཀའ་བཀོད་གང་གནང་ལ་དགའ་བསུས་ཞབས་ཞུ་སྒྲུབ་པ་ལས། རང་འདོད་དང་། ལོག་སྒྲུབ། མཚན་ཤས་སོགས་མི་བྱེད་ཁར་རྣམ་ཀུན་མཚན་སྙན་སྤེལ་ཐབས་བྱ་རྒྱུའི་དམ་བཅའ་ཡང་དག་འབུལ་བ་ལགས་སོ། །