ཉིན་རེའི་འཛིན་གྲྭ་ཚོགས་ཐུན་དང་སྒྲིག་ལམ་གྱི་སྐོར།

ཀ༽ སྔ་དྲོ་ཆུ་ཚོད་ ༥།༡༥ ནས ༦།༣༠ བར་བློ་འཛིན་གནང་རྒྱུ།
ཁ༽ སྔ་དྲོ་ཆུ་ཚོད་ ༨ ནས་ ༡༠ བར་ཞལ་འདོན་དང་ཀློག་རྩལ་སྦྱོང་རྒྱུ།
ག༽ སྔ་དྲོ་ཆུ་ཚོད་ ༡༠།༣༠ ནས ༡༢ བར་ཚོགས་ཐུན་གསུམ་པ།
ང༽ ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས ༣ བར་ཚོགས་ཐུན་བཞི་པ།
ཅ༽ ཆུ་ཚོད་ ༣།༣༠ ནས་ ༤།༣༠ བར་ཚོགས་ཐུན་ལྔ་པ།
ཆ༽ ཆུ་ཚོད་ ༥ ནས་ ༦།༣༠ བར་ཚོགས་ཐུན་དྲུག་པ།
ཇ༽ ཕྱི་དྲོ་ཆུ་ཚོད་ ༧།༣༠ ནས་ ༩ བར་ཞལ་འདོན་དང་སྨོན་ལམ་འཚོགས་རྒྱུ།
ཉ༽ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༨ ནས་ ༡༠ བར་ཞལ་འདོན། ཆུ་ཚོད་ ༡༠།༣༠ ནས་ ༡༢ བར་ཁོར་ཡུག་གཙང་སྦྲ།
ཉིན་རྒྱབ་ཆུ་ཚོད་ ༡།༣༠ ནས་ ༣ བར་གཏོར་རྒྱན་དང་རི་མོ་སྦྱོང་རྒྱུ། རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧།༣༠ ནས་
༩།༣༠ བར་ཞལ་འདོན་དང་གཏོར་མ་སྦྱོང་རྒྱུ།
ཏ༽ འདུལ་ཁྲིམས་ལེགས་པར་སྲུང་དགོས།
ཐ༽ སློབ་ཕྲུག་ཕན་ཚུན་དབར་མཐུན་ལམ་གནང་དགོས།
ད༽ དགེ་རྒན་དང་གོང་མ་རྣམས་ལ་གུས་བཀུར་ཞུ་དགོས།
ན༽ སློབ་མཐར་ཕྱིན་རྗེས་སྔོན་འགྲོ་འབུམ་ལྔ་བསག་སྦྱང་གནང་སྟེ་བཤད་གྲྭར་ཞུགས་དགོས།