གསར་ཞུགས་རྒྱུགས་སྤྲོད་ཀྱི་སྐོར།

བོད་ཟླ་ ༢ ཚེས་ ༣ ཉིན་ལོ་གསར་པ་དབུ་འཛུགས་སྐབས་དམིགས་བསལ་ཐོབ་རིགས་མ་གཏོགས་ལོ་འཁོར་རྒྱུགས་སྤྲོད་དོ་དམ་ཚོགས་པས་གཙོ་འགན་བཞེས་ནས་དུས་ཡུན་ཆུ་ཚོད་ ༣ རིང་།   བཤད་གྲྭར་གསར་ཞུགས་རྣམས་སུམ་རྟགས་དག་གསུམ་དང། རྒྱལ་རབས་ཆོས་འབྱུང་སོགས་འབྲི་རྒྱུགས་དང།  ཐུན་མོང་གི་རིག་གནས་དང་ཐུན་མིན་ནང་དོན་རིག་པའི་རྨང་གཞིའི་སྐོར་ངག་རྒྱུགས་ངེས་པར་ལེན་དགོས། བོད་ཟླ་ ༢ ཚེས་ ༨ ཉིན་གསར་ཞུགས་རྣམས་ཀྱི་མཚན་ཐོ་གསལ་བསྒྲགས་གནང་རྒྱུ།