གསར་ཞུགས་ཀྱི་སྐོར།

༡༽ གསར་ཞུགས་སུ་ཡིན་རུང་འགན་ཁུར་བ་ངེས་པར་དགོས།
༢༽ དགོན་སྡེ་གཞན་ནས་ཁྲིམས་འགལ་གྱིས་གནས་དབྱུང་བཏང་བའི་རིགས་གཏན་ནས་ཞུགས་མི་ཆོག།
༣༽ འགན་ཁུར་བ་ཚོས་བརྟག་དཔྱད་མེད་པར་གང་བྱུང་འགན་ཁུར་མི་ཆོག་ཅིང་། དཀའ་རྙོག་ཅི་བྱུང་འགན་ལེན་དགོས།
༤༽ གསར་ཞུགས་པས་སྒྲིག་ཁྲིམས་བརྩི་སྲུང་གིས་ཁྱིམ་པ་སུན་འབྱིན་མི་བྱེད་པའི་དམ་བཅའ་དགོས།
༥༽ དགོན་པའི་ལས་བྱེད་ཆེ་ཕྲ་ཀུན་ལ་གུས་བཀུར་ལས་སྣང་ཆུང་དང་ཡ་ལན་མི་བྱེད་རྒྱུའི་ཁས་ལེན་དགོས།
༦༽ དོ་བདག་དང་འགན་ཁུར་བ་གཉིས་ཀས་སྒྲིག་ཤོག་ཆད་ལྷག་མེད་པར་འགེང་དགོས།
༧༽ དགོན་སྡེ་ཁག་གཞན་ནས་ཕེབས་པ་རྣམས་ཀྱིས་ངོས་སྦྱོར་ཚད་ལྡན་ནམ་ལག་ཁྱེར་ངེས་པར་དུ་དགོས།
༨༽ གོང་གསལ་ཆ་རྐྱེན་རྣམས་ཚང་ཐོག་གསར་ཞུགས་རྒྱུགས་སྤྲོད་ཨང་ཚད་ལོན་ན་སློབ་གྲྭར་ཞུགས་ཆོག