ཀུན་སྤྱོད་སྤང་བླང་གི་སྐོར།

ཀ༽ དམ་ཆོས་འདུལ་བའི་ཕྱག་བཞེས་དང་མཐུན་པར་རབ་བྱུང་གི་ཆས་གོས་ཚུལ་ལྡན་རྟག་ཏུ་མནབ་དགོས།
ཁ༽ རབ་བྱུང་གི་བསླབ་ཚིགས་དང་མི་མཐུན་པའི་གླུ་གར་སོགས་འཕྱོར་སྒེག་དང་རྒོད་བག་གི་རིགས་གཏན་ནས་མི་ཆོག
ག༽ རྟག་ཏུ་དཔེ་ཁྲིད་དང་རང་སྦྱོང་སོགས་གང་གི་སྐབས་སུའང་དམིགས་བསལ་མ་གཏོགས་དགོངས་ཞུ་མི་ཆོག གལ་སྲིད་
དགོངས་ཞུ་བྱ་དགོས་ཚེ་དགོངས་འཁྲོལ་ཚད་ལྡན་ཐོབ་དགོས།
ང༽ གོང་གསལ་དོན་ཚན་ལས་སྒྲིག་འགལ་བྱུང་ཚེ་ཟུར་གསལ་སྒྲིག་གཞི་ལྟར་བཤགས་སྡོམ་བྱ་དགོས།
ཅ༽ སྤྱིར་བསླབ་པ་རྒན་རིམ་དང་ཁྱད་པར་མཁན་སློབ་ལས་བྱེད་རྣམས་ལ་བརྩི་སྲུང་གུས་བཀུར་སོགས་ཡ་རབས་སྤྱོད་ཚུལ་དང་
མཐུན་པ་གནང་རྒྱུ་དང་། ལྷག་པར་སྒྲིག་གཞི་ཟུར་གསལ་ལྟར་སྤང་བླང་གི་གནས་ཀུན་ལ་ཚུལ་བཞིན་སྤྱད་དགོས།
ཆ༽ ཆོས་དང་མི་རིགས་སོགས་ཤན་འབྱེད་ཀྱིས་ཚོགས་པའི་རིགས་གཏན་ནས་འཛུགས་མི་ཆོག