༈ བགྲོ་གླེང་སྐབས་ ༡༣ པའི་ཉིན་གསུམ་པར་གཞུང་ཆེན་དམ་བཅའ་འཚོགས་སྐབས་ཀྱི་སྣང་བ།

༈ སྟངས་འཛིན་པ་མཁན་པོ་ཨོ་རྒྱན་རིག་འཛིན། དམ་བཅའ་བ་སྐྱོར་དཔོན་བསྟན་འཛིན་ཤར་པ། བརྗོད་བྱ་དབྱར་གནས་ཀྱི་གཞིའི་སྐོར་༼འདུལ་བ།༽

༈ བགྲོ་གླེང་སྐབས་ ༡༣ པའི་ཉིན་གཉིས་པར་འཛིན་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་གྱི་བཤད་རྒྱུགས་འབུལ་བཞིན་པའི་བརྙན་པར།

༈ བགྲོ་གླེང་སྐབས་བཅུ་གསུམ་པ་དབུ་འཛུགས་སྐབས་ཀྱི་སྣང་བརྙན།

༄༅། །སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ནས་ཆེད་དུ་ཕེབས་པའི་མཁན་པོ་ཀརྨ་ཚེ་རིང་མཆོག་གི་གཙོས་འདི་གའི་མཁན་པོ་དང་སློབ་དཔོན་དེ་བཞིན་སློབ་གཉེར་བ་ཚང་འཛོམས་ཐོག ཕྱི་ཟླ་ ༠༨ ཚེས་ ༡༤ ཉིན་སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་བགྲོ་གླེང་སྐབས་ ༡༣ པའི་ཉིན་དང་པོ་སྐབས་ཀྱི་སྣང་བརྙན་འགའ་གཟིགས་འབུལ་ཞུ།

མི་ཕམ་འདས་མཆོད།

༈ རབ་གནས་མེ་བྱ་ལོའི་ས་ག་ཟླ་བའི་ཚེས་ ༢༩ ཉིན་སྔ་འགྱུར་མཐོ་སློབ་དཔལ་ཡུལ་ཆོས་འཁོར་གླིང་གི་དགེ་སློབ་ལྷན་འཛོམས་དང་། འབྲིང་རིམ་སློབ་གྲྭ་རིག་གནས་ཀུན་འབྱུང་གླིང་གི་དགེ་སློབ་ལྷན་འཛོམས་ཐོག་སྔ་འགྱུར་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་མི་ཕམ་འཇམ་དབྱངས་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོའི་བཀའ་དྲིན་རྗེས་སུ་དྲན་པས་གང་གི་དགོངས་རྫོགས་མཆོད་སྤྲིན་དུ་དམིགས་ཏེ་ལེགས་བཤད་འཆད་རྩོད་རྩོམ་གསུམ་གྱི་མཆོད་པ་ཅིར་ཡང་སྤྲོས་པའི་སྒོ་ནས་རྣམ་དཀར་བསོད་ནམས་ཀྱི་མངོན་པར་འདུ་བྱས་པའི་སྣང་བརྙན་ཁག་གཅིག་གཟིགས་འབུལ་ཞུ།

Rigo Monastery  (4)

སྔ་འགྱུར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོ།

ཕྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ ཉིན་སྔ་འགྱུར་དཔལ་ཡུལ་ཆོསས་འཁོར་གླིང་གི་བཤད་གྲྭ་དབུ་བརྙེས་ནས་བགྲང་བྱ་ཉེར་ལྔ་འཁོར་བའི་དུས་དྲན་མཛད་སྒོར་སྔ་འགྱུར་བསྟན་པའི་མངའ་བདག་༧སྐྱབས་རྗེ་མདོ་མང་གཡང་ཐང་རིན་པོ་ཆེ་དང་།